跳到主要内容

热贡

仁多尔

作词 : 才昂冷智
作曲 : Gene the Southern Child
རེབ་གོང་།
གཞས་ཚིག ཚེ་དབང་ལྷུན་གྲུབ།
གཞས་པ། རིག་རྡོར།
གངས་དཀར་པོའི་རྔམ་བརྗིད་དེ་རུམ་ནས།
ཆུ་དྭངས་མོའི་བཞུར་རྒྱུན་དེ་སྲུང་ནས།
གཞས་ཕྲ་མོ་གཡང་རྟ་ལ་འགུགས་བཞིན།
གར་སྟངས་སྟབས་མི་ཡུལ་ལ་བསྒྱུར་བའི།
ང་དང་མི་རིགས་སྤུན་ཟླ།
ལོ་ནས་ལོ་དང་། ཟླ་ནས་ཟླ་ལ།
དགུ་ཆུ་སྔོན་མོའི་འགྲམ་རྒྱུད་དུ་འཛོམས་ཡོད།
སེམས་པའི་ནང་སེམས་པ་རུམ་ནས།
མི་རིགས་མང་པོའི་བརྩེ་འདང་སྲུང་ཡོད།
ལག་པའི་ནང་ལག་པ་བཞག་ནས།
རིག་འབྱུང་ཡུལ་གྱི་མངའ་ཐང་སྤེལ་ཡོད།
ཡུལ་མི་སྤུན་ཟླ།
གཡང་ཁྱིམ་གྲུ་བཞིའི་སྒོ་ར་ནས།
སྦྲ་ནག་སྨུག་པོའི་ཁ་ཚུབ་ནས།
མཛའ་མཐུན་གྱི་རི་མོ་བྲིས་ཡོད།
ཞེ་འདང་གི་འོ་ཆུ་བསྐྱིལ་ཡོད།
ལས་བསོད་རླུང་གི་རྟ་བོར་བཅིབས་ནས།
ཕུན་ཚོགས་སྡེ་བཞིའི་མངའ་ཐང་བཀུགས་ཡོད།
རིག་པའི་མེ་ཏོག་ཐང་མར་བརྡལ་ནས།
མ་འོངས་མདུན་ལྗོངས་འོད་ཀྱིས་སྤྲས་ཡོད།
ང་ཡི་སེམས་བསྐྱེད།
ཁྱོད་ཀྱི་བློ་གྲོས།
ཁོང་གི་ཕུན་ཚོགས།
ཁྱོད་ཀྱི་བློ་གྲོས།
ང་ཡི་སེམས་བསྐྱེད།
ཁྱོད་ཀྱི་བློ་གྲོས།
ཁོང་གི་ཕུན་ཚོགས།
ཁྱོད་ཀྱི་བློ་གྲོས།
ཡོད་ཚད་གཅིག་ཏུ་སྤུངས་ནས།
འཆམ་མཐུན་གྱི་སྤྱི་ཚོགས་གསར་བ་འཛུགས་སྐྲུན་བྱེད།
འབྱོར་ཕྱུག་གི་ཕ་ས་སྨུག་པོ་འཛུགས་སྐྲུན་བྱེད།
ཡབ་མེས་དག་གི་ངལ་བའི་རྩོལ་བས་རི་རབ་ཁང་ཁྱིམ་མཛེས་པར་བསྐྲུན།
བློ་གྲོས་རྣམ་དཔྱོད་མེ་རུ་སྦར་ནས་རྨོངས་པའི་མུན་པ་མཐའ་རུ་དེད།
ཐུགས་རྗེའི་པདྨོ་སྙིང་ལ་ཉར་ཏེ་འཚེ་མེད་ཞི་བདེའི་དཔལ་ལ་རོལ།
རྗེས་རབས་པ་ཡི་རྒྱང་བཞུད་ལམ་བུར་མཛུབ་སྟོན་རིག་པའི་འོད་སྣང་ཡོད།
ཤར་གྱི་ཉི་གཞོན་ལ།
སྨག་མུན་སེལ་བའི་འོད་ཅིག་ཡོད།
གྲང་རེག་འཇོམས་པའི་དྲོད་ཅིག་ཡོད།
ང་ཚོས་ཉི་མ་ལ་ཁ་གཏད་ནས།
ང་ཚོས་མཚན་ལྗོངས་ལ་མེ་སྦར་ནས།
འདས་པའི་ལོ་ཟླ་ལ་ཕྱིར་མིག་བལྟ།
སེམས་ཀྱི་མེ་ལོང་ལ་ཕྱི་དོར་བྱེད།
སྙིང་གཏམ་གླེང་། མ་ཎི་ཟློ།
རྒྱུ་འབྲས་བརྩི།མ་ཎི་ཟློ།
རིག་གནས་བསླབ་ནས་དཔལ་ཡོན་སྤེལ།
ཚོང་ལས་སྒྲུབ་ནས་ནོར་གཡང་འགུགས།
ཉི་ཤར་འདྲ་བའི་སེམས་ཁྱེར་ནས།
མཚོ་མོ་འདྲ་བའི་སྐྱིད་ལ་རོལ།
ང་ཡི་ཕ་ཡུལ་ན།
སྐལ་ལྡན་རྒྱ་མཚོའི་བྱིན་རླབས་ཡོད།
ཞབས་དཀར་པ་ཡི་མགུར་གླུ་ཡོད།
ཙི་ན་བ་ཡི་ཧུར་སེམས་ཡོད།
མཁས་པ་བརྒྱད་ཅུའི་འཕྲིན་ལས་ཡོད།
ཕ་ཡུལ་རེབ་གོང་།
རིག་གནས་ཀྱི་ཕ་ས།
སྒྱུ་རྩལ་གྱི་ཞིང་ཁམས།
རིག་གནས་ཕ་ས།
སྟག་ཤ་རའི་གཟི་བྱིན་རྟ་གོང་དུ་འཁྱིལ་ཡོད།
སྨན་བུ་མོའི་འཛུམ་ཆུང་གཙང་ངོགས་ལ་འཐོར་ཡོད།
བརྩེ་བའི་རླབས་རིས་ཤིག་ཤིག་མཚོ་ངོགས་ལ་བབས་ཡོད།
དགའ་སྤྲོའི་གཡུ་ལོ་ལྡེམ་ལྡེམ་ནགས་རྫོང་ལ་འཁོར་ཡོད།
འཛུམ་མདངས་ཉི་འོད་ཆ་ལེར་སྤང་ཐང་ལ་ཕྱོགས་ན།
ཞེ་འདང་འོ་ཆུ་འདྲེས་ནས་གཞིས་ཁྱིམ་ཞིག་གྲུབ་ཡོང་།
རྒྱང་རིང་རྒྱང་རིང་གི
རྒྱལ་སའི་ཚོམས་ཆེན་ནས་འཁོར་བའི་རོལ་དབྱངས་ལ།
དར་ལུང་རྣ་བས་ཉན་ཡོད།
རེ་བའི་སེམས་ངོ་གཏད་ཡོད།
རྒྱང་རིང་རྒྱང་རིང་གི
གདོང་ལྔའི་ཁྲི་ཐོག་གི་སྐྱེས་བུ་རླབས་ཆེན་དེར།
དགའ་བའི་འཛུམ་མདངས་བསྟན་ཡོད།
སྨོན་པའི་དར་དཀར་ཕུལ་ཡོད།
ང་ཡི་ཕ་ཡུལ།
རིག་གནས་དཔལ་ཡོན་དར་བར་ཤོག
མཛའ་གཅུགས་མཐུན་སྒྲིལ་བརྟན་པར་སྨོན།
བུ་ཚ་རིགས་རྒྱུད་འཕེལ་བར་ཤོག
གཡང་ཁྱིམ་ནོར་གྱིས་བཀང་བར་ཤོག
བཀྲ་ཤིས་བདེ་ལེགས།
ཕུན་སུམ་ཚོགས།
བརྩེ་བའི་རླབས་རིས་ཤིག་ཤིག་མཚོ་ངོགས་ལ་བབས་ཡོད།
དགའ་སྤྲོའི་གཡུ་ལོ་ལྡེམ་ལྡེམ་ནགས་རྫོང་ལ་འཁོར་ཡོད།
འཛུམ་མདངས་ཉི་འོད་ཆ་ལེར་སྤང་ཐང་ལ་ཕྱོགས་ན།
ཞེ་འདང་འོ་ཆུ་འདྲེས་ནས་གཞིས་ཁྱིམ་ཞིག་གྲུབ་ཡོང་།
གླུ་ཚིག་སྒྲིག་མཁན། རེ་འབོད།
上一篇: 管大妈demo
下一篇: 明天赶来(live)