跳到主要内容

阿里姑娘

桑杰才让

作词 : 岗华
作曲 : 三智才让
རྩིག་པ་མཚལ་གྱི་མཁར་ལ།
རྒྱ་ཕིབས་ཉི་ཟླའི་ནོར་བུ།
གཟིམ་ཆུང་བྱུ་རུའི་སྒོ་མོ།
ཁྱུང་གི་ཝེར་མས་སྲུང་ཡོད།
གྲུམ་ཙེ་གཡུང་དྲུང་ཆོས་སྐོར།
གདན་ལ་ཞབས་བཅག་གནང་མཁན།
ཧོ་་་་་་ཚེ་རིང་རྨ་བྱའི་སྲས་མོ།
གསེར་གྱི་སྒྲོ་མདོངས་ཤིག་ཤིག།
ཨོ། ཚེ་རིང་རྨ་བྱའི་སྲས་མོ།
གསེར་གྱི་སྒྲོ་མདོངས་ཤིག་ཤིག།
ཡེ་་་་་་གསེར་གྱི་སྒྲོ་མདོངས་ཤིག་ཤིག།
ཚེ་རིང་རྨ་བྱའི་སྲས་མོ།
གསེར་གྱི་སྒྲོ་མདོངས་ཤིག་ཤིག།
རྣ་གཡུ་མེ་ཙག་ཡག་བྱུང་།
དུང་སྐེད་འབུར་མ་ཡག་བྱུང་།
ལྷམ་སྒྲོག་འཇའ་མ་ཡག་བྱུང་།
ཁ་འབྲས་ཡིད་ལ་སྨིན་བྱུང་།
གནམ་ལ་རྨུ་ཐག་འཐེན་ནས།
སྐར་མ་ལེན་ཐབས་ཡོད་ན།
ཧོ་་་་་་སྐར་ཕྲན་སུམ་བརྒྱ་དྲུག་ཅུའི།
སྐྲ་རྒྱན་ང་ཡིས་འབུལ་འདོད།
ཨོ། སྐར་ཕྲན་སུམ་བརྒྱ་དྲུག་ཅུའི།
སྐྲ་རྒྱན་ང་ཡིས་འབུལ་འདོད།
ཡེ་་་་་་སྐར་ཕྲན་སུམ་བརྒྱ་དྲུག་ཅུའི།
སྐར་ཕྲན་སུམ་བརྒྱ་དྲུག་ཅུའི།
སྐར་ཕྲན་སུམ་བརྒྱ་དྲུག་ཅུའི།
སྐྲ་རྒྱན་ང་ཡིས་འབུལ་འདོད།
གུ་གེའི་བྱེ་མའི་གཞུང་ལ།
འདུག་འདོད་ཞེ་ལ་མེད་ཀྱང་།
ཁ་ཆད་ལས་འཕྲོའི་དབུ་མནའ།
རྡོ་ཡི་མཁར་ལ་བཞེངས་ཡོད།
ལྡེ་གཙུག་ཁྲོས་པའི་བཀའ་ལ།
ཞལ་ལྕེ་སྒྲོག་དགོས་བབས་ཀྱང་།
ཨོ་་་་་་སྐྱེ་བ་བརྗེ་དགོས་ཞུས་ཀྱང་།
འཁུར་དགོས་བྱུང་བ་ལས་རེད།
ཨོ། སྐྱེ་བ་བརྗེ་དགོས་ཞུས་ཀྱང་།
འཁུར་དགོས་བྱུང་བ་ལས་རེད།
ཡེ་་་་་་སྐྱེ་བ་བརྗེ་དགོས་ཞུས་ཀྱང་།
སྐྱེ་བ་བརྗེ་དགོས་ཞུས་ཀྱང་།
སྐྱེ་བ་བརྗེ་དགོས་ཞུས་ཀྱང་།
འཁུར་དགོས་བྱུང་བ་ལས་རེད།
录音 : 央容阿东
母带工程 : 甘肃九歌文化传媒兰州录音棚
混音助理 : 李成伟/陈泊龙/马瑞鹏
翻译 : 贝尔斯