跳到主要内容

阳光普照的边坝

群星

作词 : 多吉
作曲 : 康珠洛加
ཉི་འོད་དྲོ་བའི་དཔལ་འབར།
ཚིག ཉི་མ་རྡོ་རྗེ།
གདངས། གངས་ཕྲུག་བློ་རྒྱ།
གཞས་པ། གདུགས་དཀར་ཡག
ལ་ཀླུང་མང་པོ་བརྒྱབ་ནས།།
ཇ་རྟའི་གནའ་ལམ་འགྲིམ་ཡོད།།
ནོར་གཞོང་དཔལ་འབར་མཇལ་དུས།།
སྨོན་ཆུས་བསུ་བ་ཞུས་བྱུང་།།
སྨོན་ཆུས་བསུ་བ་ཞུ་དུས།།
སེམས་པ་ཨ་རེ་སྐྱིད་བྱུང་།།
རྒྱང་རིང་བསིལ་བསིལ་རླུང་བུ།།
མཛའ་མོའི་གླུ་སྒྲ་འདྲ་བ་ལ།།
འཛུམ་ཞལ་པདྨའི་ཁྲོད་ཀྱི།།
དྭངས་གཙང་ཉི་འོད་དྲོ་བ།།
དྭངས་གཙང་ཉི་འོད་དྲོ་དུས།།
སེམས་པ་ཨ་རེ་དྲོ་བྱུང་།།
ཨེ་མ། བོད་ཤར་ཁམས་པའི་ཡུལ་གྱི།།
ཨེ་མ། དལ་ལྷོད་སྤྲོ་གསུམ་འཛོམས་པའི།།
དཔལ་འབར་ཁྱེད་ཀྱི་བདུད་རྩིས།།
ང་ཡི་སེམས་པ་བཟི་ཟོང་།།
ས་མཐའ་མི་ཡུལ་འགྲིམ་པའི།།
ང་ཡི་སེམས་པ་བཟི་སོང་།།
ལ་ཀླུང་མང་པོ་བརྒྱབ་ནས།།
ཇ་རྟའི་གནའ་ལམ་འགྲིམ་ཡོད།།
ནོར་གཞོང་དཔལ་འབར་མཇལ་དུས།།
སྨོན་ཆུས་བསུ་བ་ཞུས་བྱུང་།།
སྨོན་ཆུས་བསུ་བ་ཞུ་དུས།།
སེམས་པ་ཨ་རེ་སྐྱིད་བྱུང་།།
རྒྱང་རིང་བསིལ་བསིལ་རླུང་བུ།།
མཛའ་མོའི་གླུ་སྒྲ་འདྲ་བ་ལ།།
འཛུམ་ཞལ་པདྨའི་ཁྲོད་ཀྱི།།
དྭངས་གཙང་ཉི་འོད་དྲོ་བ།།
དྭངས་གཙང་ཉི་འོད་དྲོ་དུས།།
སེམས་པ་ཨ་རེ་དྲོ་བྱུང་།།
ཨེ་མ། བོད་ཤར་ཁམས་པའི་ཡུལ་གྱི།།
ཨེ་མ། དལ་ལྷོད་སྤྲོ་གསུམ་འཛོམས་པའི།།
དཔལ་འབར་ཁྱེད་ཀྱི་བདུད་རྩིས།།
ང་ཡི་སེམས་པ་བཟི་ཟོང་།།
ས་མཐའ་མི་ཡུལ་འགྲིམ་པའི།།
ང་ཡི་སེམས་པ་བཟི་སོང་།།
宣发:艺援帮
出品:西藏神奇小子文化传媒
上一篇: Keep
下一篇: 戏入此生