跳到主要内容

莲花生大师

南江秋措

莲花生大师 - 南江秋措
词:东木雅江贝丹增
曲:不丹民歌
དེ་རིང་དགའ་འོ། ལྷོ་ནུབ་འོ་མའི་མཚོ་མོ་ལ།།
དེ་རིང་སྐྱིད་སོ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས།།
འཁྲུངས་པ་ལེགས་སོ། གུ་རུ་པདྨ་འབྱུང་ནས་ལགས།།
དེ་རིང་སྐྱིད་སོ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས།།
འཁྲུངས་པ་ལེགས་སོ། གུ་རུ་གུ་རུ་པདྨ་འབྱུང་ནས་ལགས།།
སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་དུས་བཟང་ཉིན།།
པདྨ་གེ་སར་སྡོང་པོའི་ཡང་རྩེ་ལ།།
རང་བྱུང་རིག་པ་ཐོལ་སྐྱེས་སུ་ངོ་མཚར།། པདྨའི་རྩེ་མོ་རུ་འཁྲུངས་སོང་།།
དེ་རིང་དགའ་འོ། ལྷོ་ནུབ་འོ་མའི་མཚོ་མོ་ལ།།
དེ་རིང་སྐྱིད་སོང། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས།།
འཁྲུངས་པ་ལེགས་སོ། གུ་རུ་པདྨ་འབྱུང་ནས་ལགས།།
ཟབ་ཡངས་དྭངས་གཙང་སིན་དྷིའི་མཚོ་མོ་ལ།།
དྷི་ཡིག་ཟེར་ལྡན་མདྨའི་སྡོང་པོ་བབས།།
སྙིགས་དུས་མུན་སེལ་སྒྲོན་མེ་གུ་རུ་རྗེ།།
མཚོ་སྐྱེས་པདྨ་རྒྱལ་པོ་དེ་རིང་འཁྲུངས།།
དེ་རིང་དགའ་འོ། ལྷོ་ནུབ་འོ་མའི་མཚོ་མོ་ལ།།
དེ་རིང་སྐྱིད་སོང། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས།།
འཁྲུངས་པ་ལེགས་སོ། གུ་རུ་པདྨ་འབྱུང་ནས་ལགས།།
མཁན་སློབ་ཆོས་གསུམ་ཉི་ཟླའི་འོད་སྣང་གིས།།
ཁ་བ་གངས་རིའི་གཟི་འོད་ཕྱོགས་སུ་འཕྲོས།།
རྒྱལ་བསྟན་དཀར་པོ་གོ་ལའི་ལྗོངས་སུ་དར།།
འཕྲིན་ལས་ནམ་མཁའི་མཛོད་འཆང་དེང་འདིར་དྲན།།
དེ་རིང་དགའ་འོ། ལྷོ་ནུབ་འོ་མའི་མཚོ་མོ་ལ།།
དེ་རིང་སྐྱིད་སོང། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས།།
འཁྲུངས་པ་ལེགས་སོ། གུ་རུ་པདྨ་འབྱུང་ནས་ལགས།།
བཀའ་དྲིན་ཅན་གྱི་བླ་མ་ཡིད་བཞིན་ནོར་བའི་ཞལ་རས་དེ།།
མར་ཉལ་རྨི་ལམ་ནང་དུ་ཡང་ནས་ཡང་དུ་འཁོར་དུས།།
རེ་བའི་བུ་མོ་ང་ཡིས་དྲན་དྲན་སྙིང་ནས་དྲན་པ་ལ།།
དགྱེས་པའི་བྱིན་རླབས་གནང་བ་སེམས་ཀྱི་འདུད་པོ་དེ་ལ་འོ།།
བླ་མ་ལགས་ཡ་བླ་མ་སེམས་ཀྱི་བླ་མ་དྲན་ནས་ཡོད།།
བླ་མ་ལགས་ཡ་བླ་མ་སེམས་ཀྱི་བླ་མ་དྲན་ནས་ཡོད།།编辑于2021/04/16更新
上一篇: 观音灵感真言
下一篇: 第一个梦